རྨི་ལམ་ཞིག་མཐོང་བ་ (Hindi song Dekha ek khwab with Tibetan Subtitle)






༼བཀའ་མོལ།༽
ཕྱོགས་ཡོངས་ལ་ཁུ་སིམ་པོ་ཞིག་གདའ་།
ཁུ་སིམ་པོ་འདི་ནམ་ཞིག་གཏམ་ཞིག་ཏུ་འགྱུར་རམ་།
གཏམ་དེ་ངེད་ཁྱེད་ལ་བཤད་པར་འདོད། ཤོད་དམ་།
གཏམ་དེ་ངེད་ཉན་པར་འདོད། ཤོད་ཅིག
གཏམ་དེ་ངག་གང་ཞིག་མཚར་སྡུག་ཏུ་འགྱུར་བར་བྱེད། གཏམ་དེ་ནི་ཅི་།

༼ སྙན་ངག་༽
རྨི་ལམ་ཞིག་མཐོང་བ་།

ལོག་རྟོག་དང་དོགས་ལས་རིང་བར་རིང་བར་།
ཡིད་ཆེས་ཀྱི་མཚམས་ལ་ཉེ་བར་ཉེ་བར་།
ཡིད་ལ་འཁྲུལ་སྣང་འདི་བྱུང་བར་འགྱུར་།
ཁོ་མོས་བདག་ལ་བརྩེ་དུངས་འཆང་།

རྨི་ལམ་ཞིག་མཐོང་བ་དང་དུས་རྒྱུན་འདི་དག་འབྱུང་།
མིག་ཟུང་ལ་རིང་དུ་མེ་ཏོག་བཞེད་པར་གྱུར།
ཁྱོད་ཀྱི་མིག་ཟུང་ལ་འཁང་ར་འདི་ཡོད།
མེ་ཏོག་ཀྱང་བར་དུ་ཡོད་ན་རྒྱང་ཐག་ཆགས་།

བདག་གི་དབུགས་ཀྱི་རྒྱུ་བར་ཁྱོད་ཀྱི་དྲི་ཞིམ་གནས་།
དེ་ནི་ཁྱོད་ཀྱི་དུངས་བའི་སྒྱུ་འཕྲུལ་ཡིན་།
རླུངས་ཁམས་ན་ཁྱོད་ཀྱི་སྐད་གདངས་མཆིས་།
འབྱུང་ཁམས་ན་བརྩེ་དུངས་ཀྱི་ཁ་མདོག་མཆིས་།
ཁྱོད་ཀྱི་གླུ་གཞས་སྙིང་ཁམས་ཀྱི་འཕར་ལྡིང་དང་འདྲེས་།
ཅི་ཞིག་ཞུའམ་ངོ་ཚས་མཆུ་གྲོས་འཚེམ་མོད་།

བདག་གི་ཡིད་ནི་ཁྱེད་ཀྱི་སྐྱབས་སུ་ཡོད་།
ཤོག་ཅིག་ཁྱོད་རང་བདག་གི་དཔུང་ཟུང་ནང་དུ་སྦེད་།
མིག་ཟུང་ལ་ཁྱེད་ཀྱི་གཟུགས་བརྙན་མཆིས་།
ལམ་ཐག་རིང་དུ་འོད་མདངས་གསལ་།
གལ་ཏེ་སང་ཉིན་འོད་སྣང་ཀྱི་འགྲུལ་ཚོ་མེད་ན་།
བརྩེ་དུངས་ཀྱི་སྒྲོན་མེ་སྟོང་ཕྲག་འཕྲོ་བཞིན་མཆིས་།

ལྷག་བསམ་རྩོམ་བསྒྱུར་ནས་སྒྲ་སྒྱུར་མཛད་།
Author: Tenzin Wangyal
Tags:


source

0 comments:

Post a Comment

All lyrics are property and copyright of their owners. All the lyrics are provided for educational purposes only. Copyright © 128kbpsdiwnloadmingmp4 | Powered by Blogger Design by ronangelo | Blogger Theme by How to Hindi